学报编辑部新
 
通知公告
 
  新闻详细页面
当前位置: 本站首页>>通知公告>>正文
 
《甘肃民族教育研究》(藏文版)征稿启示.doc
2019-10-15 09:03  

 

༄༅། །ཀན་སུའུ་མི་རིགས་སློབ་གསོ་ཞིབ་འཇུག་དུས་དེབ་ཀྱི་རྩོམ་བསྡུའི་བརྡ་ཡིག

 

ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་(བོད་ཡིག་མ)་དེ་ཉིད་གོང་རིམ་བདག་གཉེར་ལས་ཁུངས་ཀྱི་ཡིག་ཆའི་འབྲེལ་ཡོད་དགོངས་དོན་ལྟར་ཀན་སུའུ་མི་རིགས་སློབ་གསོ་ཞིབ་འཇུག་(བོད་ཡིག)ཏུ་མིང་བརྗེས་ཏེ་དཔེ་དེབ་ཀྱི་རྣམ་པར་ལོ་རེ་བཞིན་བསྟར་ཆགས་སུ་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱ་རྒྱུ་གཏན་ཁེལ་བྱུང་བས།སློབ་གྲྭའི་ཕྱི་ནང་གི་དཔྱོད་ལྡན་དགེ་སློབ་ཡོངས་ཀྱིས་དུས་དེབ་འདི་ཀོས་༼སྔོན་ཐོན་གྱི་བསམ་བློ་རིག་གནས་བརྒྱུད་སྤེལ་དང་།ཚན་རིག་གཞུང་ལུགས་ཞིབ་འཇུག་ལ་སྐུལ་འདེད་བགྱིད་པའི་༽དམིགས་འདུན་དང་མཐུན་པའི་རིག་གནས་སློབ་གསོ་ཞིབ་འཇུག་སྐོར་གྱི་བརྗོད་གཞི་གསར་བ་ཅན་གྱི་ཕྱག་རྩོམ་གང་མང་ལྷུག་སྩོལ་གནང་བར་དགའ་བསུ་ཞུ།

 

འདི་གར་བསྐུར་བའི་རྩོམ་ཡིག་ལ་ཀྲུང་གོའི་མཐོ་རིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་རིག་དེབ་རྩོམ་སྒྲིག་ཚད་གཞིའི་གཏན་འབེབས་ལྟར།ནང་དོན་གནད་བཏུས་དང་། གནད་ཚིག།ལུང་ཁུངས་དང་ཟུར་ལྟའི་ཡིག་ཆའི་དཔེ་མིང་དང་།རྩོམ་པ་བོ། དཔེ་སྐྲུན་ཁང་། དཔར་དུ་བསྐྲུན་ལོ། ཤོག་ངོས་ཨང་གྲངས་སོགས་ཟུར་མཆན་དུ་གསལ་བོར་འགོད་དགོས་ཤིང་།ཆེད་རྩོམ་གྱི་སྐོར་ལ་རྟགས[M]དང་། དུས་དེབ་ཀྱི་སྐོར་ལ་རྟགས[J] དཔྱད་རྩོམ་ཕྱོགས་སྒྲིག་གི་སྐོར་ལ་རྟགས[C]ཚགས་པར་གྱི་སྐོར་ལ་རྟགས[N] རིག་གཞུང་སྙན་ཞུ་ཡི་སྐོར་ལ[R]དེ་དག་གི་ཁོངས་སུ་མ་འདུས་པ་ལ་རྟགས[Z]བཅས་ཟུར་མཆན་དུ་གསལ་བོར་འགོད་དགོས། རྩོམ་པ་བོའི་མཚནབོད་རྒྱ་ཡིག་རིགས་གཉིས་ཀདང་། ཕ་ཡུལ། ཕྱག་ལས་གནང་སའི་ལས་ཁུངས།ལས་ཐོབ། བསླབ་གནས། སྦྲག་ཨང་། འབྲེལ་གཏུག་ཁ་པར། རྒྱ་ཡིག་གི་རྩོམ་བྱང་བཅས་གསལ་བོར་འབྲི་དགོས།

 

རྩོམ་ཡིག་ལ་ཞུས་དག་ནན་ཏན་གནང་སྟེ་ཚིག་དོན་གྱི་ཆ་ལ་ཆད་ལྷག་ནོར་གསུམ་མེད་པ་བྱས་ནས།ཧི་ཡིག་གཟུགས་སུ་གཏགས་པའི་གློག་རྡུལ་ཡིག་ཚགས་བསྐུར་དགོས། འདི་གར་བསྐུར་བའི་རྩོམ་ཡིག་རྣམས་ལོ་ཕྱེད་ནང་ཚུན་དུ་དུས་དེབ་ཏུ་འགོད་ཐུབ་མིན་གྱི་བརྡ་ལན་མ་བྱུང་ཚེ་དུས་དེབ་གཞན་དུ་བསྐུར་ཆོག།རྩོམ་སྒྲིག་ཁང་ལ་རྩོམ་ཡིག་བཟོ་བཅོས་འོས་འཚམ་བྱེད་པའི་དབང་ཆ་ཡོད་པས། བཟོ་བཅོས་བྱས་ན་མི་འཐད་ཚེ་དེ་ལུགས་གསལ་བཤད་བྱེད་དགོས།འདི་གར་བསྐུར་བའི་རྩོམ་ཡིག་ལོ་ཙཱའི་སྐོར་གྱི་དཔྱད་རྩོམ་མིན་ན་སྤྱིར་བཏང་རྩོམ་ཡིག་ཁྲོད་དུ་ཡིག་རིགས་གཞན་པ་མི་བསྲེ་བ་དང་།ཟླ་ཁྱིམ་དང་དཔེ་མིང་གི་རྟགས་ལྟ་བུ་ཉེར་མཁོ་ཅན་རེ་གཉིས་མ་གཏོགས་ཡིག་རིགས་གཞན་གྱི་ཚེག་ཤད་མཚོན་རྟགས་འགོད་མི་འོས།ལས་གཞི་སྣ་ཚོགས་ཀྱི་དཔྱད་འབྲས་ཡིན་ན། ལས་གཞིར་ཆོག་མཆན་འགོད་པའི་ལས་ཁུངས་ཀྱི་མིང་དང་།ལས་གཞིའི་མིང་དང་ཨང་རྟགས་བཅས་གསལ་བོར་འགོད་དགོས། རྩོམ་ཡིག་འདི་གའི་དུས་དེབ་ཏུ་བཀོད་རྗེས།རྩོམ་པ་བོར་རྩོམ་ཡོན་འོས་འཚམ་ཞིག་དང་། དཔེ་དེབ་ཚར་གཉིས་བསྐུར་རྒྱུ་ཡིན།

 

རྩོམ་བསྐུར་ཡུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་བྲག་དམར་ལམ༢༣༣པ།ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་རྩོམ་སྒྲིག་ཁང་།甘肃省甘南藏族自治州合作市知合玛路233号,甘肃民族师范学院学报编辑部

 

གློག་རྡུལ་འཕྲིན་སྒམ། gsmzjyyjz@163.comསྦྲག་ཨང་། 747000 ཁ་པར། 0941-8238399

 

 

ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་རྩོམ་སྒྲིག་ཁང་གིས།

 

附件【《甘肃民族教育研究》征稿启示.doc.doc已下载
已是首条
下一条:关于印发《〈甘南民族文化研究〉(藏文)
关闭窗口
 
 
 
 
 学校首页 | 本站首页 | 部门概况 | 期刊简介 | 投稿指南 | 期刊要目 | 藏文版 

版权所有:甘肃民族师范学院学报编辑部